[001A]༄༅། །ཆོས་སྐྱོང་རྣམས་སྒྲུབ་སྐོར་བསྐང་བ་བསྐུལ་དང་བཅས་པ་བཞུགས་སོ།། [001B] །དཔལ་ལྡན་ལྷ་མོ་ནམ་གྲུ་མར་དྲག་ཏུ་བསྐུལ་བའི་ཚུལ་ནི། ཡི་དམ་གྱི་ང་རྒྱལ་བརྟན་པོས། བྷྱཽ་དཔལ་ལྡན་རྡོ་རྗེ་རེ་མ་ཏཱི། །ནམ་གྲུ་ཆེན་མོ་རྫུ་འཕྲུལ་ཅན། །འཁོར་བཅས་བསྟན་པའི་དགྲ་བོ་རྣམས་ སྒྲོལ་བའི་ཐུགས་དམ་མ་གཡེལ་ཞིག་མི་བཟད་དུད་སྤྲིན་འཁྲུག་པའི་དབྱིངས། །རབ་ཁྲོས་ཁམས་གསུམ་ཟ་བྱེད་མ། །གནམ་སའི་ཁྱོན་འགེངས་ཞལ་གདངས་ནས། །ཁྲོས་པའི་ཧཱུཾ་སྒྲ་དྲག་པོ་སྒྲོགས།། རྡོ་རྗེའི་མེ་དང་སེར་བའི་ཆར། །དགྲ་བོའི་ཡུལ་དུ་ཕོབ་ལ་ཆོམས། །དྲག་པོའི་རྩེ་གསུམ་གྱིས་ཕུག་ནས། །ཀླད་ཁྲག་དོན་སྙིང་ཧུབ་ཀྱིས་དྲོངས། །མཁལ་ནད་རྒྱུ་གཟེར་འབྲུམ་ནག་སོགས། །ནད་ཀྱིས་དགྲ་ཡུལ་ ཁོངས་ལ་ཞོག་ཤོན་སྒོར་འུག་པའི་གད་མོ་དང། །ལྟས་ངན་གྱ་བཞི་དགྲ་ལ་ཐོངས། །སྟག་ཆེན་སེངྒེ་གུང་དྲེད་སོགས། །གཅན་གཟན་དམག་དང་མ་མོའི་སྡེ། །མི་བཟད་ཚོགས་ཀྱིས་དགྲ་བོའི་ཡུལ། །ལོ་ཟླར་ [002A]༄༅། །མ་ཞོག་ཐལ་བར་རློབ་སྲིད་གཅིག་ཐུགས་དམ་གཉན་པོ་ལས། །ནམ་ཡང་མ་གཡེལ་དུས་ཀུན་ཏུ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཉིན་མཚན་དུས་དྲུག་བསྲུང་ཞིང་སྐྱོབས། ཞེས་ བསྐུལ་ཞིང་འཕྲིན་ལས་བཅོལ་བར་བྱ་ལ། བསྟོད་པ་ནི་རོལ་མོ་དབྱངས་དང་སྙན་བརྗིད་ཕུན་སུམ་ཚོགས་པས། བྷྱཽ་དྲན་པས་ཕྱི་ནང་རྒུད་པ་ཀུན་སེལ་ཞིང། །འཕྲིན་ལས་རྣམ་བཞིས་འདོད་དགུའི་ཆར་འབེབས་མ། །དཔལ་ལྡན་ རྡོ་རྗེ་ནམ་གྲུ་ཆེན་མོ་ལ། །ཀུན་བཟང་མཆོད་སྤྲིན་རྒྱ་མཚོའི་དབྱངས་ཀྱིས་བསྟོད། །མཐིང་ནག་གྲུ་གསུམ་འབར་བའི་ཀློངས་ཡངས་སུ། །དགྲ་བགེགས་ཁྲག་ཞག་འཁྲུག་པའི་རྒྱ་མཚོའི་དབུས། །ཆུ་སྐྱེས་ཚ་ཟེར་ཅན་དང་ དབུགས་བྲལ་སྟན། །མི་བཟད་སྟག་ཆེན་རྔམས་པའི་གདན་སྟེང་ན། །བསྐལ་པའི་མུན་ནག་ཁྲག་དམར་ཁོལ་བའི་མདངས། །ཉི་འོད་བྱ་བས་འཁྱུད་པའི་གཟི་བྱིན་ཅན། །དམར་ཟླུམ་སྤྱན་གསུམ་གདུག་པའི་དགྲ་ལ་ གཟིར། །རབ་རྣོན་མཆེ་བས་བགེགས་ཀྱི་ཁྲག་ཞག་མྱོས། །ཕྱག་གཡས་རྡོ་རྗེའི་ཁ་ཊཱཾ་རྩེ་གསུམ་པ། །གདེངས་པ་ཙམ་གྱིས་རབ་བརྟན་ལྷུན་པོ་འཐར། །ཕྱག་གཡོན་དགྲ་སྙིང་འདར་ལྡན་ཐོད་ཁྲག་གིས། །ཁམས་གསུམ་ [002B] །ཟ་འོག་བེར་དང་སྟག་རལ་གཟིག་ཤུབས་དང། །སེངྒེ་ལ་སོགས་སྣ་ཚོགས་སྟོབས་ཀྱིས་སྤ། །རིན་ཆེན་རྒྱན་དང་དུར་ཁྲོད་ཆས་ཀྱིས་བརྒྱན། །རྒྱལ་བའི་ཡུམ་གྱུར་ཁྱོད་ལ་བསྟོད་པར་བགྱི། །སྔོན་དང་ཕྱི་དང་འགྲམ་ན་རྒྱུག་པ་ཡི།། ལས་མཁན་རྣམས་དང་ཉི་ཟེར་རྡུལ་ཕྲན་ལ། །འགྲན་པའི་འཁོར་ཚོགས་རྒྱ་མཚོའི་ཚོགས་རྣམས་ལ། །རོ་བརྒྱའི་བཟའ་བཅའི་དཔལ་དང་བཅས་ཏེ་བསྟོད། །ཏི་པུ་ར་ཡི་ཉེར་བཞིའི་གནས་ཆེན་པོ། །དེ་ཝི་ཀོཊི་སྐྱོང་མཛད་དཔལ་མོ་ཁྱོད། །རྫུ་འཕྲུལ་མཐུ་དཔུང་ཆེར་ བསྐྱེད་ཞྭ་སེར་གྱི། །རིང་ལུགས་གཉན་པོ་ཕྱོགས་བཅུར་རྒྱས་པར་མཛོད། །ལྷ་ཁང་གྲྭ་ཚང་འདུས་སྡེ་འཁོར་འབངས་བཅས། །མི་ནོར་ཕྱོགས་དུས་ཡུལ་དང་གནས་སྐབས་ཀུན། །དར་ཞིང་རབ་རྒྱས་ཐུགས་མཐུན་ཁྲིམས་གཙང་ཞིང། །རྣལ་འབྱོར་བསམ་པའི་དོན་ རྣམས་འགྲུབ་པར་མཛོད། ཅེས་བསྟོད། དེ་ནས་མངའ་གསོལ་བ་ནི། རོལ་མོ་དབྱངས་དང་བཅས་པས། བྷྱཽ་རབ་འབྱམས་རྩ་བརྒྱུད་བླ་མའི་ཚོགས་རྣམས་དང། །དབྱེར་མེད་དྲིན་ཆེན་ངོ་བོར་མངའ་གསོལ་གྱིས། །དབང་བཞི་རབ་བསྐུར་སྐུ་བཞིའི་ས་བོན་ཆེ། །བདེ་ བླ་གཉིད་དུ་འགྲུབ་པའི་དངོས་གྲུབ་སྩོལ། །དཀྱིལ་འཁོར་རྒྱ་མཚོའི་གཞིར་གྱུར་ཧེ་རུ་ཀའི། །ངོ་བོ་ཡི་དམ་ལྷ་རུ་མངའ་གསོལ་གྱིས། །ཞི་རྒྱས་དབང་དྲག་གྲུབ་པ་ཆེན་པོ་བརྒྱད། །ཟུང་འཇུག་སྔགས་ཆེན་འགྲུབ་པའི་དངོས་གྲུབ་སྩོལ། །ལྷན་སྐྱེས་བདེ་ཆེན་འདྲེན་མཛད་ རྒྱལ་ཀུན་གྱི། །ཡུམ་གྱུར་དབྱིངས་ཕྱུག་དབང་མོར་མངའ་གསོལ་གྱིས། །ཤེར་ཕྱིན་ཡོངས་གྲུབ་བདེ་སྟོང་ཟུང་འཇུག་གར། །ཚེ་འདིར་མངོན་དུ་འགྱུར་བའི་དངོས་གྲུབ་སྩོལ། །འཕྲིན་ལས་རྡོ་རྗེའི་མེ་ཆར་རྣོན་པོ་བཞིས། །རྒྱལ་བསྟན་བསྲུང་མཛད་གཙོ་མོར་མངའ་ [003A]༄༅། །གསོལ་གྱིས། །རབ་འབྱམས་ལས་བཞིའི་སྟོབས་ཀྱིས་སངས་རྒྱས་བསྟན། །ཕྱོགས་དུས་ཀུན་ཏུ་རྒྱས་པའི་དངོས་གྲུབ་སྩོལ། །ཁྱད་པར་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན། །བསྲུང་མཛད་ཁམས་གསུམ་བདག་མོར་མངའ་གསོལ་ གྱིས༑ ༑ཐུབ་བསྟན་སྙིང་པོ་ཕྱོགས་བཅུར་རྒྱས་པ་ཡི། །དངོས་གྲུབ་ཆེན་པོ་བདེ་བླག་ཉིད་དུ་སྩོལ། །རྗེ་བཙུན་བླ་མ། ཞེས་སོགས་བྱའོ། ཞེས་པ་འདི་ནི་ལྷ་ཁང་བླ་མ་ཞུས་དག་པ་དཀའ་ཆེན་བློ་བཟང་ཆོས་འཕེལ་དང་དགེ་སློང་བློ་བཟང་ཚེ་དབང་གཉིས་ནས་བསྐུལ་བ་ལྟར། འཇམ་ དཔལ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། རྡོ་རྗེ་རྩེ་གསུམ་རབ་ཏུ་འབར་བ་འདི། །དཔལ་ལྡན་ལྷ་མོ་འཇིགས་རུང་ནམ་གྲུ་མར། །འབུལ་གྱིས་བཞེས་ལ་སངས་རྒྱས་བསྟན་པ་དང། །རྣལ་འབྱོར་ཚེ་ དཔལ་རྟག་ཏུ་རྒྱས་པར་མཛོད། ཅེས་པའང་གོང་བསྟུན་སྦྱར་བའོ། །དགེ་ལེགས་འཕེལ།། ༈ །།ན་མོ་བཛྲ་བཧཻ་ར་ཝཱ་ཡ། འདིར་དམ་ཅན་སྲུང་མའི་ཚོགས་རྣམས་ལ་མཆོད་གཏོར་འབུལ་བར་འདོད་པས། མཆོད་གཏོར་དམ་རྫས་སྤྱན་གཟིགས་སོགས་ མཆོད་པའི་བྱེ་བྲག་ཅི་འབྱོར་པ་དང་གསེར་སྐྱེམས་སོགས་ལེགས་པར་བཤམས། རང་ཉིད་གཤིན་རྗེ་གཤེད་སོགས་ཡི་དམ་ལྷའི་རྣལ་འབྱོར་བརྟན་པོ་སྔོན་དུ་བཏང། དངོས་གཞི་ནི་ནང་མཆོད། མཆོད་པ། གཏོར་མ། བསྐང་རྫས་རྣམས་ཡི་ དམ་གང་བྱེད་ཀྱི་ལུགས་བཞིན་བྱིན་གྱིས་བརླབས། ལས་སྔགས་ཀྱིས་བསངས། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའི་དབྱིངས། །ཆོས་འབྱུང་ཁྲག་ཞག་རྒྱ་མཚོ་འཁྲུག་པའི་དབུས། །པད་ཉིད་གྲ་བགེགས་ [003B] །ཡེ་ཤེས་མེ་དཔུང་དྲག་ཏུ་འབར་བའི་དབུས། །དཔལ་ལྡན་ནག་པོ་ཆེན་པོ་ཕྱག་དྲུག་མགོན། །འདོད་ཁམས་དབང་ཕྱུག་དམག་དང་ཟོར་གྱི་ལྷ། །ནོར་སྦྱིན་རྒྱལ་ཆེན་རྣམ་མང་ཐོས་པའི་སྲས། །བེཀྩེ་ལྕམ་སྲིང་གྲི་ཐོགས་བཤན་ པར་བཅས། །བསྟན་པ་བསྲུང་ཞིང་བསྟན་འཛིན་སྐྱོང་བ་དང། །རྣལ་འབྱོར་འཕྲིན་ལས་གཉན་པོ་རྣམ་པ་བཞི། །ཐོགས་པ་མེད་པར་བསྒྲུབ་ཕྱིར་རབ་དགྱེས་པའི། །གར་དགུའི་ཉམས་དང་བཅས་ཏེ་བརྟན་པར་བཞུགས། །དེ་ཡི་མདུན་དུ་མེ་རླུང་ཆུ་སྐྱེས་ དང། །ཁྲག་ཞག་འཁྲུག་དབུས་པེ་ཧར་རྒྱལ་ཆེན་ལྔ། །དམ་ཅན་རྡོ་རྗེ་ལེགས་པ་མཆེད་འཁོར་རྣམས། །འཇིགས་རུང་སྡེ་བརྒྱད་དཔུང་ཚོགས་བཅས་ཏེ་བཞུགས། །ཐུགས་ཀའི་ས་བོན་འོད་ཟེར་ལྕགས་ཀྱུ་ཡིས། །གར་བཞུགས་རྡོ་རྗེའི་ཕོ་བྲང་སོ་སོ་དང།། དྲེགས་པའི་གནས་ནས་ཡེ་ཤེས་སྤྱན་དྲངས་ཏེ། །ཛཿ་ཧཱུཾ་བཾ་ཧོཿ་དབྱེར་མེད་རོ་གཅིག་གྱུར། །ཉེར་སྤྱོད་རོལ་མོ་འདོད་ཡོན་རྣམ་པ་ལྔ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང། །སྨན་ཕུང་ལ་སོགས་རྒྱ་མཚོས་མཆོད་བགྱིད་ན། །དགྱེས་པར་བཞེས་ལ་འཕྲིན་ ལས་མ་གཡེལ་ཞིག་ཨོཾ་ཤྲཱི་མཧཱ་ཀཱ་ལ། ཀཱ་ལི་དེ་ཝི་བཻ་ཤྲ་མ་ཎ། རཀྨོ་པྲ་ཎ་ཨྲྒྷཾ་ནས་ཤཔྟའི་བར་དང། རཱུ་པ་ནས་སྤརཤའི་བར་དང། སྔགས་དེ་ལ་ཨོཾ་ཨཱཧཱུཾ་བཏགས་པ་རྣམས་ཀྱིས་མཆོད། སླར། པཉྩ་མཧཱ་རཱ་ཛ་བཛྲ་ས་དཧུ་ས་པ་རི་ཝཱར་ཨརྒྷཾ་ ནས་ཤཔྟའི་བར་དང། སྔགས་དེ་ལ་ཨོཾ་ཨཱཧཱུཾ་དང། མཧཱ་རཀྟ་ཨཱཧཱུཾ་ཞེས་བཏགས་པ་རྣམས་ཀྱིས་མཆོད། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་བཛྲ་སཏ་སོགས་ཡིག་ [004A]༄༅། །བརྒྱ་བརྗོད། ཧཱུཾ༑ ཆོས་རྣམས་སྤྲོས་པ་བདེན་པས་རབ་སྟོང་ཡང། །སྣ་ཚོགས་ཚོན་དང་ཤེལ་འཕྲད་སྣང་བའམ། །རྨི་ལམ་བཞིན་དུ་ནོངས་པའི་ཚོགས་ཐམས་ཅད། །གདོང་ནས་སྤྲོས་བྲལ་དབྱིངས་སུ་ཡང་དག་བཤགས། །ཕྱི་ དང་ནང་གསང་དམ་ཚིག་སོ་སོ་ཡི། །རྩ་བ་ཡན་ལག་འགལ་ཞིང་ཉམས་པ་དང། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །སྙིང་པོའི་དོན་དང་འགལ་རྣམས་མཐོལ་ལོ་བཤགས། །མདོར་ན་བདག་ཅག་ལས་ཉོན་མ་རིག་པའི། །དབང་ གྱུར་ནོངས་པའི་བྱ་བ་ཅི་བགྱིས་པ། །སྙིང་ནས་འགྱོད་པ་དྲག་པོས་བཤགས་བགྱིད་ན། །ཉམས་ཆགས་གསོས་ཤིང་དངོས་གྲུབ་མ་ལུས་སྩོལ། ཞེས་གདུང་ཤུགས་དྲག་པོས་བཤགས་པ་བྱ། དེ་ནས་དམིགས་པ་བརྟན་པོས། ཧཱུཾ། བདེ་ཆེན་ སྟོང་ཉིད་ཟུང་འཇུག་ཡེ་ཤེས་ཀྱི། །རོལ་པ་ལས་བྱུང་ཕྱི་ནང་གསང་བའི་སྤྲིན། །ཀུན་བཟང་མཆོད་པའི་དག་བྱེད་འབབས་པ་ཡིས། །བསྟན་བསྲུང་དམ་ཅན་རྒྱ་མཚོ་དགྱེས་གྱུར་ཅིག་ལེགས་བྲིས་བདུད་རྩིའི་རོ་སྦྱར་ཞིང་བཅུའི་ཁྲག། དབང་པོའི་མེ་ ཏོག་ལྷ་རྫས་ཀུན་གསལ་ཁྱབ། །ཀླད་རྐང་ཤི་ཚལ་བདུག་སྤོས་དྲི་ཞིམ་བཅུད། །ཞུན་ཆེན་སྣང་གསལ་ནོར་བུའི་འོད་བཟང་གིས། །བླ་མ་ཡི་དམ་བསྟན་སྲུང་ཐུགས་དམ་བསྐངས། །ཐུགས་དམ་སྐོང་ཞིང་ཉམས་ཆགས་དག་གྱུར་ནས། །ཞི་རྒྱས་དབང་ དྲག་གྲུབ་ཆེན་ཕྱག་རྒྱ་ཆེའི། །དངོས་གྲུབ་བདེ་བླག་ཉིད་དུ་སྩལ་དུ་གསོལ། །མཁྲིས་ཆེན་དྲི་ཆབ་ག་བུར་ངད་ལྡན་དང། །ཤ་ཁྲག་ལྷ་མིའི་བཟའ་བཅའ་རི་ལྟར་སྤུངས། །དབྱར་རྔ་ལ་འཁུ་བརྗིད་པའི་རོལ་མོ་དང། །འདོད་ཡོན་སྣ་ལྔ་རྒྱལ་སྲིད་སྣ་བདུན་གྱིས། །རྐང་ [004B] སྤྲིན་གྱི་ཤུགས་ལྡན་རྟ་མཆོག་རླུང་ལྟར་འཕྱོ། །ལྷོ་སྤྲིན་དང་མཚུངས་འཇིགས་རུང་གཡག་རོག་ཚོགས། །ལུག་ནག་སྤྱི་དཀར་ཉི་ཟེར་རྡུལ་ལ་འཁུ། །བསྟན་དགྲའི་སྙིང་འབྱིན་བྱ་ནག་ཚོགས་རྣམས་ཀྱིས། ་་། དོམ་ལྟར་འཕྱོ་བའི་ཁྱི་ རྒོད་མི་བཟད་དང། །འབར་བའི་རུ་མཚོན་རལ་གྲི་མེ་མདའ་མདུང། །རྡོ་རྗེའི་གོ་ཆ་དམར་ཆེན་གཏོར་མ་དང། །ཉི་ཟླ་གླིང་བཞི་ཕྱི་ནང་གསང་རྟེན་འདིས་་་། ཞེས་བསྐང་རྫས་ཕུལ་ནས་གོང་སྔགས་ལ་ཨི་དཾ་བ་ལིཾ་ཏ་བཏགས་པ་དང་ཨ་ཀཱ་རོ་བཅས་ཀྱིས་བསྐང་ གཏོར་ཕུལ། དེ་ནས། ཀྱཻ༑ མཐུ་སྟོབས་དྲེགས་པའི་མེ་ཆར་གྱིས། །ཞིང་བཅུའི་ནགས་ཚལ་མཐར་བྱེད་ཅིང། །རྣལ་འབྱོར་འཕྲིན་ལས་བསྒྲུབ་མཛད་པའི། །རྒྱལ་ཆེན་སྡེ་ལྔ་དམ་ཅན་ལ། །མཆོད་སྤྲིན་རྒྱ་མཚོ་འདི་འབུལ་གྱིས། །ཐུགས་དམ་གཉན་པོ་ དབྱིངས་སྐོང་ཞིང། །དགྲ་བགེགས་གདུག་ཅན་སྒྲོལ་བ་དང། །སྟོང་གྲོགས་གཉན་པོ་ཚུལ་བཞིན་སྒྲུབས། །གསར་པའི་ཁྲག་དང་སྣ་ཚོགས་ཆང། །མིག་སྣ་རྐང་མར་ཆུ་སྐྱེས་ཚོགས། །སྤོས་དཀར་ཕྱེ་མར་དུད་པའི་སྤྲིན། །མདངས་གསལ་འོད་ཀྱི་ཕུང་པོ་ ཡི༑ ༑མཆོད་སྤྲིན་རྒྱ་མཚོ་སོགས་ཤླཽ་ཀ་གཅིག་འགྲེ། དྲི་ཆབ་ཆུ་ཀླུང་རྒྱུན་ལྟར་འབབ། །ཞལ་ཟས་ཞིམ་མངར་རི་ལྟར་སྤུངས། །སྣ་ཚོགས་རོལ་མོ་འབྲུག་ལྟར་སྒྲོག་གོ་མཚོན་རྡོ་རྗེའི་ཚོགས་རྣམས་ཀྱིས། །མཆོད་སྤྲིན་་་། །རྟ་མཆོག་རླུང་ཤུགས་ འཚེར་སྐད་སྒྲོག་གཡག་རྒོད་ལྕགས་རྨིག་རྭ་རྣོན་ཅན། །ལུག་ནག་སྤྱི་དཀར་འཁུན་ཞིང་ལྡིར། །ཁྲ་གླག་འུག་སྲིན་རྒོད་རོག་ཁྱིའི། །མཆོད་སྤྲིན་་་། །བརྟེན་པའི་མདོས་དང་སྲོག་འཁོར་དང། །ར་རྒོད་རྒྱན་ལྡན་བཙན་གྱིང་ཤོས། །གྲི་སྙིང་ཤེལ་ཕྲེང་ཐོ་ [005A]༄༅། །བ་དང། །རྡོ་རྗེ་སྤུང་པ་ལ་སོགས་པའི། །མཆོད་སྤྲིན་ཞེས་རྒྱལ་ཆེན་རྣམས་ཀྱི་ཐུགས་དམ་བསྐང་ཞིང། པཉྩ་མཧཱ་རཱ་ཛ་ཞེས་སོགས་ཀྱི་སྔགས་མཐར་ཨི་དཾ་བ་ལིཾ་བཏགས་པ་དང། ཨ་ཀཱ་རོ་རྣམས་ཀྱིས་གཏོར་མ་ཕུལ། ཨརྒྷཾ་ནས་ ཤཔྟའི་བར་གྱིས་མཆོད། ནང་མཆོད་ཀྱང་འབུལ། དེ་ནས་བཟླས་པ་བྱེད་འདོད་ཚེ་རང་རང་གི་གཞུང་ནས་འབྱུང་བ་བཞིན་སྐབས་འདིར་བྱ། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། པཉྩ་མཧཱ་རཱ་ཛ་ཞེས་སོགས་ཀྱི་སྔགས་མཐར་ཨི་དཾ་བ་ལིཾ་བཏགས་ པ་དང། ཨ་ཀཱ་རོ་རྣམས་ཀྱིས་གཏོར་མ་འབུལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ནང་མཆོད་ཀྱང་འབུལ། ཆོས་སྐྱོང་བསྲུང་མའི་ཚོགས་རྣམས་དང། །བསྟན་བསྲུང་དྲེགས་པ་རྒྱ་མཚོ་ལ། །བདག་གིས་མཆོད་གཏོར་ཕུལ་བ་ཡིས། །དཀོན་མཆོག་ དབུ་འཕང་སྨོད་པ་དང། །ཐེག་པ་ཆེན་པོ་བསུན་འབྱིན་དང། །བསྟན་པ་བཤིག་དང་དབེན་བྱེད་དང། །བླ་མའི་སྐུ་ལ་བསྔོ་བ་དང། །རྣལ་འབྱོར་བདག་ལ་སྡང་བ་རྣམས། །འདི་དག་ཆོས་སྐྱོང་སྲུང་མས་སྒྲོལ། །དགྲ་བགེགས་ཨ་མུ་ཀ་ཤ་ཏྲུཾ་མཱ་ར་ཡ་ཕཊ། ཅེས་ ཐལ་མོ་གདབ། གཞི་བདག་གཏོར་མ་བཏང། བསང་དུད་དང། གསེར་སྐྱེམས་བསྒྲང་ཞིང། ཧཱུཾ༑ བླ་མ་ཡི་དམ་མྱུར་མཛད་མགོན་པོ་དང། །དམག་ཟོར་ལས་དགྱེས་རྣམ་མང་ཐོས་པའི་སྲས། །དྲེགས་པ་ལྕམ་དྲལ་འཁོར་དང་བཅས་པ་ཡིས། །གསེར་ སྐྱེམས་འདི་བཞེས་རྣལ་འབྱོར་འཕྲིན་ལས་སྒྲུབས། །སྲོག་བདག་ཤེལ་གྱི་གྱིང་ཆེན་རྣམ་འགྱུར་ལྔ། །བཙུན་མོ་གསང་གསུམ་སྲས་བློན་དམག་དཔོན་དང། །ཁྱད་པར་ལས་བྱེད་བཤན་པ་བཙན་རྒོད་བདུན། །གསེར་སྐྱེམས་འདི་བཞེས་སྡང་དགྲ་ཐལ་ [005B]རབ་འབར་མགར་ནག་རྡོ་རྗེ་ཐིག་ལེ་རྩལ། །དགྱེས་ཏེ་བཅུ་གཉིས་སུམ་བརྒྱ་དྲུག་ཅུ་ཡི། །གཡོག་འཁོར་བཅས་པས་གསེར་སྐྱེམས་འདི་བཞེས་ལ། །བསྟན་དགྲའི་བདུན་བརྒྱུད་ཚུན་ཆད་བརླག་བར་མཛོད། །ས་ཟླའི་བཏུང་བ་སྨན་ བཅས་བདུད་རྩིའི་སྐྱེམས། །འདིར་རོལ་ཞྭ་སེར་རིང་ལུགས་ཕྱོགས་དུས་ཀུན། །རྒྱས་ཤིང་རྒྱལ་ཁམས་རབ་བདེ་ཕན་བདེའི་དཔྱིད། །ཕྱོགས་དུས་ཀུན་ཏུ་འབར་བའི་འཕྲིན་ལས་མཛོད། ཅེས་གསེར་སྐྱེམས་ཕུལ། དེ་ནས། ཧཱུཾ༑ དཔལ་ལྡན་མཧཱ་ཀཱ་ལ་ཕྱག་ དྲུག་མགོན། །འདོད་ཁམས་བདག་མོ་དབང་ཕྱུག་རེ་མ་ཏཱི། །ནོར་སྤྱིན་རྣམ་མང་ཐོས་སྲས་ནོར་མང་ལྡན། །གཏུམ་དྲག་བེཀྩེ་ལྕམ་དྲལ་བཅས་ལ་བསྟོད། །མགོན་པོ་ཁྱེད་རྣམས་མཆོད་ཅིང་བསྙེན་བཀུར་དང། །ལེགས་པར་བསྟོད་བགྱིས་དགོངས་མཛོད་འཕྲིན་ ལས་བཞིའི། །འདོད་དགུའི་ཆར་ཆེན་རབ་བསྙིལ་ཕན་དང་བདེའི། །དགེ་མཚན་ཅིག་ཅར་བཞད་པའི་སྟོང་གྲོགས་མཛོད། །རྒྱལ་བསྟན་སྤྱི་དང་ཁྱད་པར་ཙོང་ཁ་པའི། །མདོ་སྔགས་བསྟན་པ་ཕྱོགས་བཅུར་རབ་རྒྱས་ཤིང། །འཇིག་རྟེན་ཁམས་ཀུན་ཆོས་འབྱོར་བ་དེ་ སྐྱིད་ཀྱིས། །རྟག་ཏུ་བདེ་བའི་དངོས་གྲུབ་དམ་པ་སྩོལ། །བསྟན་ལ་སྡང་ཞིང་སྒྲུབ་ལ་རྣམ་པར་འཚེ། །སེམས་ཅན་གནོད་བྱེད་མི་དང་མི་མིན་ཀུན། །མངོན་སྦྱོང་འཕྲིན་ལས་དྲག་པོས་ཚར་ཆོད་ལ། །བདེ་ཆེན་ལས་དྲོངས་ཤ་ཁྲག་དབྱིངས་སུ་རོལ། །རབ་འབྱམས་ལས་ བཞི་གྲུབ་བརྒྱད་ཕྱག་རྒྱ་ཆེ། །མ་ལུས་བདེ་བླག་ཉིད་དུ་མངོན་གྱུར་ནས། །ནམ་མཁའ་ཇི་སྲིད་འགྲོ་བ་མ་ལུས་པའི། །རེ་སྐོང་འདོད་དོན་བདེ་བླག་ཉིད་འགྲུབ་མཛོད། །ཀྱཻ༑ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །རྒྱལ་ཆེན་སྲོག་བདག་སྐུ་ལྔ་གསང་ཡུམ་དང།། [006A]༄༅། །བློན་པོ་ལས་མཁན་དམག་གི་དཔུང་བཅས་པ། །ཤིས་པའི་དབྱངས་དང་བཅས་པས་ཡང་དག་བསྟོད། །གནམ་ལྕགས་ཐོ་ལུམ་སྦུད་རྣོན་རྡོ་རྗེ་དང། །དགྲ་སྙིང་རབ་འབྱིན་སེངྒེ་རྭ་སྐྱེས་ཅན། །མེས་སྟག་གོས་སེར་ཕྱོགས་ཀྱི་འཁོར་བཅས་པ།། དྲུག་ཅུས་བརྒྱན་ཏེ་ཡང་དག་བསྟོད་པར་བགྱི། །སངས་རྒྱས་བསྟན་པ་འཇིག་པར་བྱེད་པ་དང། །དཀོན་མཆོག་དབུ་འཕང་སྨོད་ཅིང་རྣལ་འབྱོར་ལ། །ལོག་པར་འཚེ་བའི་གདུག་ཅན་དགྲ་བགེགས་རྣམས། །འཇིགས་རུང་ཆད་པས་ད་ལྟ་ཚར་ཆོད་ཅིག་བདག་ ཅག་ཡོན་མཆོད་མི་ནོར་བལྟོས་པར་བཅས། །ཉིན་གསུམ་བྱར་མཚན་གསུམ་མེལ་ཚེ་ཡིས། །བསྲུང་དང་སྐྱོབ་ལ་ནམ་ཡང་མ་གཡེལ་བར། །བདེ་སྐྱིད་རྒྱ་མཚོས་རྟག་ཏུ་འཚོ་བར་མཛོད། ཅེས་འཕྲིན་ལས་བཅོལ་ནས་ཡིག་བརྒྱས་ལྷག་ཆད་ཁ་བསྐང། བསྔོ་བ་ སྨོན་ལམ་དང་འཕྲིན་འཆོལ་ཇི་ལྟར་རིགས་པ་བྱས་རྗེས། རྟེན་ཡོད་ན་ཡེ་ཤེས་པ་བརྟན་བཞུགས་དང་མེད་ན་གཤེགས་གསོལ་བྱས་ནས་བཀྲ་ཤིས་ཀྱིས་བརྒྱན་པར་བྱའོ། ཞེས་པ་འདི་ནི་འོར་ཏུ་སུ་ཨུ་ཤིན་པའི་སེ་ཕྱག་རྡོར་སྐྱབས་ཀྱི་སྲས། ཨ་ཀ་སྤུ་ཡན་ཐུ་ནས་བསྐུལ་བ་ལྟར་འཇམ་དཔལ་ གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྐུ་འབུམ་ཆོས་སྡེ་ཆེན་པོའི་གཟིམས་ཆུང་དུ་སྦྱར་བའོ།། ༈ །།བྷྱཽ་མདུན་གྱི་ནམ་མཁར་མེ་རླུང་ཁྲག་ཞག་དབུས། །སྟོང་གསུམ་མྱུལ་བའི་དྲེའུ་རྟ་རྐང་གསུམ་སྟེང། །བེ་ཅོན་ནལ་ཐོད་རེ་ལྡེ་ཉི་ཟླ་ཡིས། །རབ་ མཛེས་དཔལ་ལྡན་ལྷ་མོ་དགྱེས་བཞིན་སྦྱོན། །དུས་བཞིའི་ལྷ་མོ་ཚེ་རིང་མཆེད་ལྔ་དང། །བསྟན་མ་བཅུ་གཉིས་ལ་སོགས་དམ་ཅན་གྱི། །འཁོར་ཚོགས་རྒྱ་མཚོར་བཅས་ཏེ་བརྟན་བཞུགས་ལ། །རྣལ་འབྱོར་འཕྲིན་ལས་རྣམ་བཞི་ཐོགས་མེད་སྒྲུབས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་ [006B] །ཟག་མེད་བདུད་རྩིའི་གཏོར་ཚོགས་རྒྱ་མཚོ་དང། །བསྐང་རྫས་ཕྱི་ནང་ཉེར་སྤྱོད་འདོད་ཡོན་ལྔས། །སྲིད་གསུམ་བདག་མོ་འཁོར་བཅས་དགྱེས་ཕྱིར་མཆོད། །འདི་ལན་གསུམ། གདོད་ནས་རྣམ་དག་ཆོས་དབྱིངས་ཤེར་ཕྱིན་མ། །རྒྱལ་ཀུན་བསྐྱེད་མཛད་ཡུམ་གཅིག་དབྱངས་ཅན་ལྷ་ རབ་ཁྲོས་སྲིད་གསུམ་བདག་མོ་རམ་ཏཱིར། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད། །ཁྱོད་ཉིད་བསྙེན་ཅིང་བསྒྲུབ་པའི་རྣལ་འབྱོར་པ། །བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་བཅས། །དུས་དང་གནས་སྐབས་ཀུན་ཏུ་མགོན་ཁྱོད་ཀྱིས། །གཡེལ་བ་མེད་པར་ཡང་དག་བསྲུང་ཞིང་སྐྱོབས།། ཕན་དང་བདེ་བའི་འབྱུང་གནས་རྒྱལ་བའི་བསྟན། །གང་གི་སྙིང་པོ་འཇམ་མགོན་བླ་མ་ཡི། །རིང་ལུགས་གསེར་ཞུན་ཅོད་པན་འཆང་བའི་སྡེ། །ཕྱོགས་དུས་གནས་སྐབས་ཀུན་ཏུ་རྒྱས་པར་མཛོད། །བདག་ཅག་གནས་སྐབས་ཚེ་རིང་ནད་མེད་ཅིང། །མངའ་ཐང་སྟོབས་འབྱོར་ལོངས་སྤྱོད་ཡང་དག་རྒྱས་ གནོད་ཅིང་འཚེ་བའི་དགྲ་བགེགས་ཚར་བཅད་ནས། །བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་སྩོལ། ཞེས་པ་འདི་ནི་དད་སྟོབས་གཏོང་བ་སོགས་ཀྱིས་མངོན་པར་མཐོ་བའི་དཔོན་མོ་ནོར་འཛིན་དབང་མོས་བསྐུལ་བ་ལྟར་ཤཱཀྱའི་བཙུན་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ།། ༈ །།ན་མོ་མཧཱ་ཀཱ་ལཱ་ཡ་འདིར་བསྟན་སྲུང་ ཆེན་པོ་གྲི་གུག་མགོན་པོ་མཆོད་པར་འདོད་པས། རང་ཡི་དམ་གང་བྱེད་དུ་གསལ་བའི་སྒོ་ནས་མཆོད་གཏོར་རྣམས་ཨོཾ་ཨཱཧཱུཾ་ལན་གསུམ་གྱིས་བྱིན་གྱིས་བརླབས་པའམ། རྒྱས་པར་སྤྲོ་ན་ཡི་དམ་གང་བྱེད་ཀྱི་གཞུང་བཞིན་བྱིན་གྱིས་བརླབས། སབྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ ལས་རང་གི་མདུན་གྱི་མཁར། །ཆོས་འབྱུང་ཁྲག་ཞག་རབ་འཁྲུག་པད་ཉིའི་སྟེང། །ཧཱུཾ་དང་གྲི་གུག་ལས་སྐྱེས་ཡེ་ཤེས་མགོན། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་གྲི་གུག་མཁའ་ལ་འཕྱར་བ་ཡིས། །བསྟན་དགྲ་རྡུལ་རློག་རྣལ་འབྱོར་བུ་བཞིན་སྐྱོངས།། [007A]༄༅། །ཕྱག་གཡོན་ཐོད་ཁྲག་དམ་ཉམས་ཤ་རུས་ཀྱིས། །ལེགས་བཀད་ཐུགས་ཀར་རབ་འཛིན་དངོས་གྲུབ་སྩོལ། །དར་ནག་གོས་བེར་གསེར་གྱི་སྐེད་བཅིངས་ཅན། །སག་ལྷམ་གསོལ་ཞིང་གདུག་པའི་དགྲ་བགེགས་ཀྱི། །སྟེང་དུ་འཇིགས་པའི་བྲོ་བརྡུངས་ཆེམས་སེ་ཆེམས། །འཁོར་ ཚོགས་རྒྱ་མཚོའི་དབུས་སུ་བརྟན་པར་བཞུགས། །ཏིང་འཛིན་ཕྱག་རྒྱས་བྱིན་བརླབས་མཁའ་དབྱིངས་ཁྱོན། །ལེགས་གང་བསྐང་རྫས་མཆོད་སྤྲིན་རྒྱ་མཚོ་དང། །ཉེར་སྤྱོད་རོལ་མོ་འདོད་ཡོན་བཅས་པ་ཡིས། །དཔལ་ལྡན་ནག་པོ་ཆེན་པོ་དགྱེས་གྱུར་ཅིག་སྟོང་གསུམ་ཁྱོན་ལྟར་ཡངས་པའི་ཀ་སཱ་ ལར༑ ཟག་མེད་བདུད་རྩིའི་གཏོར་ཚོགས་རྒྱ་མཚོ་དང། །དགྲ་བགེགས་ཤ་ཁྲག་ཕུང་པོའི་བ་ལིཾ་ཏས། །མཧཱ་ཀཱ་ལ་བདེ་ཆེན་དབྱིངས་སུ་མཆོད། །ལན་གསུམ། །གདོད་ནས་རྣམ་དག་ཆོས་དབྱིངས་སྤྲོས་པའི་མཐའ། །རབ་བྲལ་དབྱིངས་ལས་ལོངས་སྤྱོད་རྫོགས་པའི་སྐུར། །ཉེར་བཞེངས་ སྤྲུལ་པའི་རང་བཞིན་ནག་པོ་ཆེ། །གྲི་གུག་མགོན་པོ་འཁོར་བཅས་བསྟོད་པར་བགྱི། །རབ་འབར་མཆེ་གཙིགས་སྤྱན་གསུམ་དམར་ཞིང་ཟླུམ། །དབུ་སྐྲ་ཁམ་སེར་ནམ་མཁའི་དབྱིངས་སུ་བརྫེས། །མི་བཟད་མཐིང་ནག་གྲི་གུག་ཐོད་ཁྲག་ཅན། །ནག་པོ་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །སྔོན་ཚེ་ མཉམ་མེད་ཤཱཀྱའི་རྒྱལ་པོ་དང། །གསང་བའི་བདག་པོ་བློ་བཟང་གྲགས་པའི་དཔལ། །ལ་སོགས་སྤྱན་སྔར་ཇི་ལྟར་ཞལ་བཞེས་བཞིན། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་འཕྲིན་ལས་མཛོད། །རྒྱལ་བསྟན་སྤྱི་དང་ཞྭ་སེར་རིང་ལུགས་ཆེ། །རྣལ་འབྱོར་དཔོན་སློབ་ཡོན་མཆོད་བཅས་ པ་ལ༑ ༑སྡང་ཞིང་ལོག་པར་འཁུ་བའི་དགྲ་བགེགས་རྣམས། །ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །རབ་འབར་དུས་མཐའི་བྱིན་ཟ་དང་མཚུངས་མེར། །འཆི་མེད་གདེངས་ཅན་རྐང་གཉིས་མིའམ་ཅི། །བདུག་སྤོས་དམ་ཉམས་བམ་ཆེན་དང་སྦྱར་དྲིས། །མཧཱ་ཀཱ་ལ་འཁོར་ [007B] །ལྷ་ཆེན་དཔལ་འབར་མཧཱ་ཀཱ་ལ་ཆེ། །གྲོང་ཁྱེར་གསུམ་འཇིག་ལེགས་ལྡན་ནག་པོ་ཆེ། །དགྱེས་བྱེད་ལྷ་མོ་བཀའ་སྡོད་རྒྱ་མཚོ་དང། །སྡེ་བརྒྱད་འབྱུང་པོ་མི་བཟད་དམག་དཔུང་བཅས། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག་ཤ་ཁྲག་ དམར་གི་གཏོར་མ་འདི་བཞེས་ཤིག་ཛམ་བུ་ཏི་བའི་ཞལ་ཟས། །སྨན་རཀ་ཕུད་ཀྱི་མཆོད་པ། །ཛ་གད་དཔའ་བོའི་སྨན་ཕུད། །གཙང་མ་ཕུད་ཀྱི་གསེར་སྐྱེམས་ཤ། སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་གཏོང། །ད་འཆོལ་ལེགས་པའི་གསོལ་འདེབས་གཉན་པོར་ བཞེས། །འཁོར་རྣམས་སྐྱོང་ཞིང་རྐྱེན་རྣམས་བཟློག་པ་དང། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པ་དང། །བསྟན་པ་རྒྱས་པའི་ལས་འདི་ཁྱོད་ཀྱིས་སྒྲུབས། །སྲིད་ཞིའི་དཔལ་འབྱོར་ མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་བ་དང། །དེ་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་སྐྱོངས་ཡུན་རིང་ཞབས་བརྟན་མཛོད། །དེ་ནས་ཡིག་བརྒྱས་ལྷག་ཆད་ཁ་བསྐངས་ལ་ཡེ་ཤེས་པ་བརྟན་བཞུགས་དང་གཤེགས་གསོལ་གང་ རུང་བྱའོ། ཞེས་དཔལ་ལྡན་ཡེ་ཤེས་མགོན་པོ་གྲི་གུག་ཆེན་པོའི་མཆོད་གཏོར་བསྐང་རྫས། བསང་མཆོད། གཤེགས་གཏོར་དང་བཅས་པ་འདི་ནི་དགེ་སློང་ངག་དབང་དཔལ་འབྱོར་གྱིས་བསྐུལ་བ་ལྟར་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་པ་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པར་གྱུར་ཅིག། ༈ །།ཨོཾ་སསྟི། འདིར་མཆོད་གཏོར་འབུལ་ བར་འདོད་པས། ཡི་དམ་གང་བྱེད་ཀྱི་གཞུང་བཞིན་བྱིན་གྱིས་བརླབས་ལ། མདུན་གྱི་ནམ་མཁར་བཅོམ་ལྡན་གཤིན་རྗེའི་གཤེད། །ཡེ་ཤེས་མགོན་པོ་དཀར་ནག་ཆོས་ཀྱི་རྒྱལ། །འདོད་ཁམས་དབང་ཕྱུག་རྒྱལ་ཆེན་རྣམ་ཐོས་སྲས། །དཔའ་ཆེན་ཚོགས་བདག་འཁོར་བཅས་དགྱེས་བཞིན་སྦྱོན།། [008A]༄༅། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །ཆུ་བཞི་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ། །ནང་མཆོད་གསང་བ་བདེ་ཆེན་མཆོད་པའི་ཚོགས། །དམིགས་མེད་སྤྲོས་བྲལ་དབྱིངས་སུ་འབུལ་བར་བགྱི། །སྟོང་ གསུམ་ཁྱོན་ལྟར་ཡངས་པའི་སྣོད་ཡངས་སུ། །དགྲ་བགེགས་ཤ་ཁྲག་སྤུངས་པའི་གཏོར་མ་དང། །ལྷ་དང་མི་ཡི་རོ་བརྒྱའི་བཟའ་བཅའི་ཚོགས། །ལྷུན་པོ་ལྟར་སྤུངས་ལྷ་མཆོག་རྣམས་ལ་འབུལ། །འདི་ལན་གསུམ་བྱ། །གདོད་ ནས་རྣམ་དག་སྤྲོས་པའི་མཐའ་བྲལ་ཡང། །སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་རྣམ་འགྱུར་གྱིས། །གང་ལ་གང་འདུལ་སྐུར་སྟོན་ཡི་དམ་ལྷ། །བསྟན་བསྲུང་རྒྱ་མཚོ་བཅས་ལ་བདག་བསྟོད་དོ། །རྣལ་འབྱོར་ཡིད་ལ་ཇི་ལྟར་སྨོན་པའི་དོན་ མ་ལུས་ཐོགས་པ་མེད་པར་ལེགས་འགྲུབ་སྟེ། །ཞི་རྒྱས་དབང་དྲག་གྲུབ་ཆེན་ཕྱག་རྒྱ་ཆེ། །དངོས་གྲུབ་བདེ་བླག་ཉིད་དུ་བདག་ལ་སྩོལ། ཞེས་བརྗོད་ཅིང་ཡིག་བརྒྱས་ལྷག་ཆད་ཁ་བསྐང་ནོངས་པ་བཟོད་པར་གསོལ། །ཡེ་ ཤེས་པ་བརྟན་བཞུགས་དང་གཤེགས་གསོལ་གང་རུང་བྱའོ། ཞེས་པ་འདི་ནི་ཁལ་ཁ་དར་ཁན་པའི་ལེའི་ཐའི་ཇི་དོན་གྲུབ་རྣམ་རྒྱལ་གྱིས་བསྐུལ་བ་ལྟར་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་བ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་ སྦྱར་བའོ། །སསྟི༑ ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། །སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེར། །ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ། །མངྒ་ལ། །༄༅འདོད་ཁམས་བདག་མོ་རེ་མ་ཏཱི།། ༄༅། །གནོད་སྦྱིན་བེཀྩེ་ལྕམ་དྲལ་ཆེ།། [008B][BLANK PAGE] [009A]༄༅། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །ཆུ་བཞི་ཉེར་སྤྱོད་རོལ་མོ་འདོད་ཡོན་ལྔ། །ནང་མཆོད་གསང་བ་བདེ་ཆེན་མཆོད་པའི་ཚོགས། །དམིགས་མེད་སྤྲོས་བྲལ་དབྱིངས་སུ་འབུལ་བར་བགྱི། །སྟོང་ གསུམ་ཁྱོན་ལྟར་ཡངས་པའི་སྣོད་ཡངས་སུ། །དགྲ་བགེགས་ཤ་ཁྲག་སྤུངས་པའི་གཏོར་མ་དང། །ལྷ་དང་མི་ཡི་རོ་བརྒྱའི་བཟའ་བཅའི་ཚོགས། །ལྷུན་པོ་ལྟར་སྤུངས་ལྷ་མཆོག་རྣམས་ལ་འབུལ། །འདི་ལན་གསུམ་བྱ། །གདོད་ ནས་རྣམ་དག་སྤྲོས་པའི་མཐའ་བྲལ་ཡང། །སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་རྣམ་འགྱུར་གྱིས། །གང་ལ་གང་འདུལ་སྐུར་སྟོན་ཡི་དམ་ལྷ། །བསྟན་བསྲུང་རྒྱ་མཚོ་བཅས་ལ་བདག་བསྟོད་དོ། །རྣལ་འབྱོར་ཡིད་ལ་ཇི་ལྟར་སྨོན་པའི་དོན།། མ་ལུས་ཐོགས་པ་མེད་པར་ལེགས་འགྲུབ་སྟེ། །ཞི་རྒྱས་དབང་དྲག་གྲུབ་ཆེན་ཕྱག་རྒྱ་ཆེ། །དངོས་གྲུབ་བདེ་བླག་ཉིད་དུ་བདག་ལ་སྩོལ། ཞེས་བརྗོད་ཅིང་ཡིག་བརྒྱས་ལྷག་ཆད་ཁ་བསྐང་ནོངས་པ་བཟོད་པར་གསོལ། །ཡེ་ ཤེས་པ་བརྟན་བཞུགས་དང་གཤེགས་གསོལ་གང་རུང་བྱའོ། ཞེས་པ་འདི་ནི་ཁལ་ཁ་དར་ཁན་པའི་ལེའི་ཐའི་ཇི་དོན་གྲུབ་རྣམ་རྒྱལ་གྱིས་བསྐུལ་བ་ལྟར་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་ སྦྱར་བའོ། །སསྟི༑ ཕན་བདེའི་འབྱུང་གནས་རྒྱལ་བསྟན་ཡོངས་འདུའི་ལྗོན། །རབ་རྒྱས་འགྲོ་ཀུན་ཐར་མཆོག་འབྲས་བཟང་ལ། །སྤྱོད་ཕྱིར་བཀྲ་ཤིས་ལྷུན་གྲུབ་ཆོས་གྲྭ་ཆེར། །ཆོས་སྦྱིན་འཛད་མེད་དལ་འགྲོའི་རྒྱུན་འདི་སྤེལ། །མངྒ་ལ།། །། ༄༅། །འདོད་ཁམས་བདག་མོར་མཏཱི།། ༄༅། །གནོད་སྦྱིན་བེཀྩེ་ལྕམ་དྲལ་ཆེ།། [009B][BLANK PAGE]